R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༢
[A:༡༢] དཔལ་སྦསཡེ་ཤེས་སྙིང་པོཞི་བ་འཚོ་རྣམས་བར་མ་ཆད་པ་ཡིན་ཞིང་། ཞི་བ་འཚོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ངོ་ལ་ཡིན་ལ། སྲོང་བཙན་ནས་ཁྲི་སྲོང་གི་བར་རྒྱལ་རབས་བཞི་ཙམ་སོང་བའི་ཕྱིར་རོ། དེ་ལྟར་ན་ལེགས་ལྡན་འབྱེད་རྐྱང་པའི་ངོ་ལ་ལོ་སྟོང་ཙམ་འགྲོ་དགོས་པས་ཧ་ཅང་མི་འགྲིག་པའི་ཕྱིར་དང་། མཁན་རབས་གསར་པའི་ལུགས་ལའང་། ཀླུ་སྒྲུབ་ནས་མཁན་རབས་བདུན་གྱི་བར་ལ་ལོ་ཉིས་སྟོང་དང་བཞི་འགྲོ་དོན་མེད་པའི་ཕྱིར་རོ། ཞེས་ཟེར། དེ་ལ་ལན་ཇི་ལྟར་སྙམ་ན། ཀླུ་སྒྲུབ་ཀྱིས་རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷི་ལ་བདག་རྐྱེན་མཛད་པར་བཤད་དུ་ཆུག་མོད་ཀྱང་། མ་ཧཱ་བོ་དྷི་དེ། མཐོ་བཙུན་གྲུབ་རྗེའི་དུས་ཀྱི་རང་བྱོན་དེ་ཉིད་ཡིན་པའི་ངེས་པ་ནི་མེད་དེ། སྤྱིར་འཕགས་ཡུལ་རྡོ་རྗེ་གདན་དུ་བྱང་ཆུབ་ཆེན་པོ་མ་ཧཱ་བོ་དྷིའི་སྐུ་མང་དུ་བྱོན་པ་ལས། སངས་རྒྱས་ཀྱི་རབ་གནས་ཅན་གྱི་སྐུ་དེ་ནི་དེང་སང་བོད་ན་བཞུགས་པ་འདི་ཡིན། དེ་མཚམས་མ་ག་དྷའི་ཁྱིམ་བདག་མ་ཧཱ་པཱ་ལཱ་དང་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞིག་ལ་བུ་གསུམ་བྱུང་བའི་ཆེ་བ་གཉིས་ཕྱི་པ་དང་། ཆུང་བ་ནང་པ་ལ་དད་པས་འཐབ་བོ། མས་རྐང་མགྱོགས་བྱིན་ཏེ། ཏི་སིའི་གངས་ཅན་དུ་བཏང་བ་ན། ཚེས་བཅོ་ལྔ་ལ་མ་ཧཱ་དེ་ཝ་ཨུ་མ་དང་བཅས་པས་དགྲ་བཅོམ་པ་རྣམས་ལ་ཆོས་སྟོན་འདྲེན་པ་དང་འཛོམས། སུ་བཟང་དྲིས་པས་ནང་པ་ལ་བརྟེན་ནས་ང་ཡང་མཐར་ཐུག་སངས་རྒྱ་བར་འདོད་ཟེར་བས་བུ་གསུམ་ནང་པ་ལ་ཞུགས། ཆེ་བས་ཝཱ་ར་ན་སིར་ལྷ་ཁང་དང་། བར་པས་ཇེ་ཏའི་ཚལ་དུ་ལྷ་ཁང་རྩིགས། ཆུང་བས་རྡོ་རྗེ་གདན་དུ་ཕྱི་གནྡྷོ་ལ་ནང་དུ་ལྷ་ཁང་བྱས་ཏེ། མ་ན་རེ་བུ་ཁྱོད་བཟོ་བོ་རྒྱགས་གསུམ་ནང་དུ་ཆུག་ལ་སྒོ་ལ་ལྕགས་གཟེར་རྒྱོབ་ལ་ཟླ་བ་གསུམ་ཞག་གསུམ་ལ་ཚར་བར་གྱིས་ཟེར། ཟླ་བ་