R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༩༠
[A:༩༠] འདས་པའི་དོན་གསུམ་པ་ལྕགས་ཕོ་འབྲུག་
སྤྱི་ལོ་༡༠༤༠
ལ་མི་ལ་བལྟམས། ལོ་འདི་ཕྱི་དར་ས་མོ་བྱ་ནས་གོ་གཉིས་པ་ཡིན་ལ། འདི་ནས་ད་བར་ལ་ལྔ་བརྒྱ་དང་ཉེར་བཞི་ལོན། འདི་དང་བ་རི་ལོ་ཙཱ་བ་དགུང་མཉམ་ཡིན་ཟེར་རོ། དཀའ་བརྒྱུད་བསོད་རྒྱལ་གྱིས་ཆུ་ཕོ་འབྲུག་ལོ་པར་མཛད་འདུག། གང་ནའང་། རང་ལོ་སོ་བརྒྱད་པ་ནས་ཞེ་བཞི་པའི་བར་དུ། མར་ལོའི་དྲུང་དུ་དཀའ་སྤྱད་དང་ཟབ་དོན་གྱི་སྙིང་པོ་བླངས། ཞེ་ལྔ་པ་ནས་རྫོང་དྲུག་སོགས་སུ་སྒྲུབ་པ་དང་གཞན་དོན་ཁོ་ན་མཛད་དེ། བརྒྱད་ཅུ་རྩ་བཞི་པ་ཡོས་ལོ་རྟ་ཟླའི་ཚེས་བཅུ་བཞི་ལ་དག་པའི་ཞིང་དུ་གཤེགས། འགའ་ཞིག་ལས་བྱ་ལོ་ནས་རྟ་པའི་ཉེར་བདུན་ལ་གཤེགས་ཟེར་རོ།
འདི་ལ་སློབ་མའི་མཆོག་ཉི་ཟླ་ལྟ་བུ་ནི། རས་ཆུང་པ་དང་། དྭགས་པོ་ལྷ་རྗེ་གཉིས་ཡིན་ལ། རས་པ་མཆེད་བརྒྱད་ཅེས་གྲགས་པ་ནི། རས་ཆུང་རྡོ་རྗེ་གྲགས་པངམ་རྫོང་རས་པའབྲི་སྒོམ་རས་པསེ་བན་རས་པརས་པ་ཞི་བ་འོདཁྱི་ར་རས་པརས་པ་བདེ་སྐྱོང་། ར་རྫི་རས་པ་རྣམས་སོ། འདི་ལ་རྣམ་ཐར་མི་གཅིག་པ་བརྒྱ་དང་ཉེར་བདུན་ཡོད་ཟེར་ཏེ། སྒྲུབ་བརྒྱུད་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུ་དེ། འདི་ཁོ་ནའི་དྲིན་ཡིན་ནོ། ཐུགས་ཀྱི་སྲས་རས་ཆུང་པ་ནི། མི་ལའི་ཞེ་ལྔ་པ་ཤིང་ཕོ་བྱི་བ་ལ་བལྟམས། ལོ་བཅུ་གསུམ་པ་ལ་མི་ལའི་ཞབས་ལ་གཏུགས། འཕགས་ཡུལ་དུ་བྱོན། ལུས་མེད་མཁའ་འགྲོའི་ཆོས་སྐོར་དགུའི་གཞི་མར་པ་ནས་མི་ལ་ལ་ཞུས་ཀྱང་། སྔར་མར་པ་ལ་ཡང་མི་བཞུགས་ཏེ། ནཱ་རོ་མི་ཏྲེའི་དངོས་སློབ་ཏི་ཕུ་པ་ལས་ཁོང་གིས་བསླངས་ཏེ་མི་ལ་ལ་ཕུལ། མི་ལས་ངམ་རྫོང་ལ་གནང་ཞིང་