R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༢༧
[A:༢༧] རྩྭ་རིན་དུ་ཇོ་མོའི་ནོར་ཕྲེང་བ་བཟང་པོ་ཞིག་ཡོད་པ་དེ་ཕུལ་ནས་འདི་ལ་རྩྭ་རིན་མཛད་པར་ཞུ་ཞུས་པས། བསྙད་མེད་གསུངས་ནས་བཞེས། གསུང་ངག་མ་གནང་བར། གཞུང་གི་སྐོར་ཐམས་ཅད་ཚང་མར་མཛད། བསམ་མི་ཁྱབ་དང་གཏུམ་མོའི་མངོན་རྟོགས་ཉི་ཤུ་རྩ་བཞི་ལ་སོགས་པའི་གདམས་ངག་ཅི་རིགས་པ་གནང༌། བསྙེན་བཀུར་དང་ཞབས་ཏོག་རྒྱ་ཆེར་མཛད་དོ། །གཞན་ཡང་འགོས་ཁུག་པ་ལས་གསང་འདུས་ལ་སོགས་པ་གསན། ཨུ་རྒྱན་གྱི་པཎྜི་ཏ་ཤེས་རབ
ལྭ་བ་དམར་པོའི་ཞབས་ཀྱང་ཟེར་
གསང་བ་ལས་ཐིག་ལེ་སྐོར་ལྔ་ལ་སོགས་པ་གསན། རྨ་ལོ་ཙཱ་བ་ལས་བདེ་མཆོག་རྩ་རྒྱུད་ལ་སོགས་པ་དང་གྲུབ་སྙིང་སྐོར་རྣམས་གསན། གཞན་ཡང་བ་རི་ལོ་ཙཱ་བ་དང༌། བླ་མ་སྒྱི་ཆུ་བ་དང༌། མལ་ལོ་ཙཱ་བ་དང༌། པུ་རོང་ལོ་ཆུང་དང༌། གནམ་ཁའུ་པ་སྐུ་མཆེད་དང༌། སྐྱུ་ར་ཨ་སེང་ལ་སོགས་པ་ལས་ཆོས་མང་དུ་གསན་ཏེ་ཆོས་ཐམས་ཅད་ཀྱི་མངའ་བདག་ཏུ་གྱུར་ཏོ། །དེ་ནས་གྲོ་བོ་ལུང་པར་དགོན་ཆུང་ཞིག་བཏབ་ནས་ལོ་འགའ་བཞུགས་ཏེ་ས་སྐྱ་གོགས་པོར་གྲགས་སོ། །དེའི་ཚེ་རི་རྩེ་ནས་གཟིགས་པས་དཔོན་པོ་རིའི་ངོས་འགྲམ་ན་ས་དཀར་ཞིང་སྣུམ་པ་ཆུ་གཡས་སུ་འབབས་པ། བཀྲ་ཤིས་པའི་དགེ་མཚན་མང་པོ་གཟིགས་ནས་དགོན་པ་ཞིག་དེར་བཏབ་ན་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བ་མང་པོ་ལ་ཕན་པར་དགོངས་ཏེ། ཇོ་བོ་མལ་ལ་ཞུས་པས་གནང༌། ས་དེའི་བདག་པོ་ཞང་ཞུང་པ་དང༌། བནྡེ་གྲོང་བཞིལྷ་མི་གྲོང་བདུན་དུ་གྲགས་པ་ཡོད་པས། དེ་དག་ལ་འདིར་དགོན་ཆུང་ཞིག་བྱས་ན་ཁྱེད་ལ་འགལ་བ་མེད་ན་རིན་ཞིག་འཇལ་བྱས་པས། ཁོང་རྣམས་ན་རེ། རིན་ཡེ་མི་འཚལ། དགོན་པ་མཛད་པར་ཞུ་ཟེར་བ་ལ། འོན་ཀྱང་ཕྱིས་ཚུན་ཆོད་ན་འདི་འཐད་