R214: བླ་མ་བརྒྱུད་པའི་རྣམ་པར་ཐར་པ་ངོ་མཚར་སྣང་བ།

  • Pagination (Witness A): ༡༧
[A:༡༧] བསམ་མི་ཁྱབ་ལ་སོགས་པའི་མན་ངག་དུ་མ་དང༌། ལམ་འབྲས་རྩ་བ་མེད་པ་གཅིག་ཀྱང་གསན་ནོ། །སློབ་དཔོན་ཤཱནྟི་པས་ཀྱང་དགེ་སློང་དཔའ་བོ་རྡོ་རྗེ་སྔགས་ཀྱི་བཤད་སྲོལ་ལེགས་ཤིང་གདམས་ངག་ཀྱང་ཆེ་བར་དགོངས་གསུངས། སློབ་དཔོན་འདིས་ཕྱིས་བོད་དུ་བྱོན་ཏེ་མུ་གུ་ལུང་དུ་བཞུགས་ནས་རིན་ཆེན་འབར་བ་བརྩམས། གསེར་ཕུལ་བས་མ་བཞེས་ནས། བླ་མ་བོད་དུ་ཅི་ལ་འབྱོན་ཞུས་པས། བོད་ཀྱི་གངས་ལྟ་རུ་འོངས་གསུང༌། ལོ་གསུམ་བཞུགས་ཏེ་ཉི་ཟེར་ལ་བཅིབས་ནས་རྒྱ་གར་དུ་བཞུད། ད་དུང་ཡང་བཞུགས་པ་ཡིན་སྐད། གཞན་ཡང་ཁ་ཆེར་ཌོམ་པཎྜི་ཏ་ཞེས་བྱ་བ་གཅིག་ལའང་དབང་བསྐུར་ཞུས་ནས་གསང་སྔགས་མང་དུ་གསན་ཏེ། མདོར་ན་འབྲོག་མིརྒྱ་གར་དུ་ལོ་བཅུ་གཉིས། བལ་པོར་ལོ་གཅིག་སྟེ་ལོ་བཅུ་གསུམ་བཞུགས་ནས་མཁས་པ་ཆེན་པོར་གྱུར་ཏོ། །སྟག་ལོས་ནི་ཤེར་སྙིང་རྒྱ་ཀློག་ཏུ་འདོན་ཤེས་པ་ཙམ་ལས་མ་ཤེས་པས། ཁོང་བོད་དུ་མི་འགྲོ་ཟེར་བ་ལ་གྲོས་བཏབ་ནས་གཉིས་ཀ་བོད་དུ་བྱོན་ཏེ། མཁན་སློབ་གཉིས་ཀྱིས་བསུ་བ་མཛད་ནས་མཇལ་བའི་ཚེ། མཁན་སློབ་ཀུན་གྱིས་སྟག་ལོ་ལ་ཁོས་ཆོས་མང་པོ་ཤེས། ཁྱོད་ཀྱིས་མི་ཤེས་པ་ཅི་ཡིན་དྲིས་པས། ཁོ་ཀ་པཱ་ལི་རེ་ཁྱེར་ནས་དེ་ཤེད་ན་ཕར་ཡང་ཡང་འགྲོ་ཡིན་འདུག །ཁོ་བོས་ནི་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོ་ལ་མོས་པར་བྱུང་ནས་བསྐོར་བ་བྱེད་ཅིང་བསྡད་གསུངས་སོ། །འོན་ཀྱང་ཚུལ་ཁྲིམས་ཀྱི་མགོ་ཐོན་པས་ཕྱིས་སྟག་ཚོའི་སྡེ་པ་བཟང་ལ་མང་བར་བྱུང་སྐད། བླ་ཆེན་གྱིས་མུ་གུ་ལུང་དང་ལྷ་རྩེའི་བྲག་ལ་བཞུགས་ནས་ཆོས་མང་པོ་གསུང་གིན་བཞུགས་པ་ལས། ལྷ་ལྕམ་
ལྷ་བཙུན་ཀ་ལིའི་ལྕམ་མོ་མཛེས་ལྡན་འོད་ཆགས
་གཅིག་ལ་སྲས་ཨིནྡྲ་དང་རྡོ་རྗེའང་བལྟམས་སོ། །སྐབས་སུ་སྤ་གྲོའི་ཚུར་ཉེ་བ་ན་གནམ་